གལ་ཏེ། ང་ངེས་པར་ཏུ་འཆི་དགོས་ན།
Translated to Tibetan by @palden_gyalགལ་ཏེ། ང་ངེས་པར་ཏུ་འཆི་དགོས་ན
ཁྱེད་ཉིད་ངེས་པར་ཏུ་འཚོ་དགོས
ངའི་ལོ་རྒྱུས་གཞན་ལ་བཤད་རྒྱུའི་ཆེད
ངའི་རྒྱུ་དངོས་དག་བཙོང་རྒྱུའི་ཆེད
རས་ཆ་དུམ་བུ་གཅིག་དང
སྐུད་པ་འག འ་ཉོ་རྒྱུའི་ཆེད
(དཀར་པོ་དང་རྔ་མ་རིང་པོ་བཟོ་རོགས)
དེ་ལྟར། ཕྲུག་གུ་ཞིག་གིས། གཱ་ཛ་ཡི་ས་ཆ་ག་གེ་མོར
མགོ་བོ་བཏེགས་ནས་ནམ་མཁའ་རུ་ལྟ་ཞིང
མེ་ཕུང་ལ་འཐིམ་པའི་ཨ་ཕར་སྒུག་དུས—
སུ་ལའང་གྱེས་གཏམ་མེད་པར
ཐ་ན་རང་གི་ལུས་པོ་དང
རང་ཉིད་ལའང—
ཤོག་བྱ་དེ་མཐོང་ངེས། ཁྱེད་ཀྱིས་བཟོས་པའི་ང་ཡི་ཤོག་བྱ
སྐབས་དེར། ནམ་མཁའ་རུ་ལྡིང་སྐོར་བྱེད་དུས
ཁོ་བོས་རེ་ཞིག་དེ་ནི་ལྷ་ཡི་ཕོ་ཉ་ཞིག་གིས
བརྩེ་བ་ཕྱིར་འདྲེན་པའི་ དན་རྟགས་རེད་དྲན་ངེས
གལ་ཏེ། ང་ངེས་པར་ཏུ་འཆི་དགོས་ན
དེས་རེ་བ་སྟེར་བར་ཤོག
དེ་གཏམ་རྒྱུད་ཅིག་འགྱུར་བར་ཤོག